rKTs


H93

(e-text produced by ACIP)




454a
།།རྒྱ་གར་སྐད་དུ། ཨཱརྱ་རྀ་ཥི་བྱཱ་ས་པ་རི་པྲྀཙྪ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲང་སྲོང་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གངྒཱའི་ཀླུང་གི་འགྲམ་བརྒལ་བར་བྱ་བ་མ་ཡིན་པ། ཁུ་བྱུག་དང ། ནེ་ཙོ་དང ། བུང་བ་དང ། ངང་པའི་རྒྱལ་པོ་དང ། བྱའི་ཚོགས་དུ་མ་སྒྲ་སྙན་པ་འབྱིན་པ། ཤིང་ཀླག་ཤ་དང ། ནྱ་གྲོ་ད་དང ། ཙནྡན་དང ། མྱ་ངན་འཚང་དང ། ས་ལ་ཀའི་ཡལ་གས་བསྐྱབས་པ། རྟག་ཏུ་མེ་ཏོག་དྲི་ཞིམ་པོ་སིལ་མ་བཀྲམ་པ་དེ་ན་དགེ་སློང་གི་དགེ་འདུན་ཆེན་པོ་